问候伴奏–索当珠|问候2伴奏

https://www.99banzou.com/product/1205739.html

问候 – 索当珠
词:热西·嘎玛桑登
曲:索当珠
གླུ་པ། སོག་སྟག་འབྲུག
འཛོམས་བྱུང་།
གཡག་ལ་བསེ་བོའི་འདབས་ནས་འཛོམས་བྱུང་།
སོག་ཆུ་སྔོན་མོའི་འགྲམ་ནས་འཛོམས་བྱུང་།
སྐྲ་གཞུག་ཚར་ལོའི་མགོ་འགྱུར་ལྡེམས་སེ་ལྡེམ།
འཕུག་དམར་ཕྱུ་བ་སྟོད་གསིག་ཉིགས་སེ་ཉིག

འདོ་བ་རྟ་ཕོའི་རྨིག་སྒྲ་ཧྲོགས་སེ་ཧྲོག
དཀའ་ཨེ་ཐལ། སྤུན་དང་ཤ་ཉེ་དཀའ་ཨེ་ཐལ།
ཕུ་ཡི་འབྲོག་པ་དཀར་ཆུ་བཟང་ལ་ཡེ།
སྨད་ཀྱི་ཞིང་ཁ་ལོ་ལེགས་ཡག་ལ་ཡེ།
འཛོམས་བྱུང་།
གསེར་ལུང་ཁྲ་མའོ་མཐིལ་ལ་འཛོམས་བྱུང་།
མདོ་སྟོད་སོག་ཤོད་ལུང་ལ་འཛོམས་བྱུང་།
ལྡིང་ལྷན་གཡུ་བྱུར་ལན་བུ་ཉིགས་སེ་ཉིག
གསེར་དངུལ་གློ་རྒྱན་དཀར་དམར་ཧྲོགས་སེ་ཧྲོག

འབྲོག་གླུ་སྙན་མོ་རྣ་ལ་སངས་སེ་སང་།
དཀའ་ཨེ་ཐལ། མ་དང་སྲིང་མོ་དཀའ་ཨེ་ཐལ།
བུ་དང་ཚ་བོ་ཤེས་རིགས་མཁས་ལ་ཡེ།
ཁྱིམ་ལ་ཁ་དྲོ་བཀྲ་ཤིས་འཛོམས་ལ་ཡེ།
ལྡིང་ལྷན་གཡུ་བྱུར་ལན་བུ་ཉིགས་སེ་ཉིག
གསེར་དངུལ་གློ་རྒྱན་དཀར་དམར་ཧྲོགས་སེ་ཧྲོག
འབྲོག་གླུ་སྙན་མོ་རྣ་ལ་སངས་སེ་སང་།
དཀའ་ཨེ་ཐལ། མ་དང་སྲིང་མོ་དཀའ་ཨེ་ཐལ།
བུ་དང་ཚ་བོ་ཤེས་རིགས་མཁས་ལ་ཡེ།
ཁྱིམ་ལ་ཁ་དྲོ་བཀྲ་ཤིས་འཛོམས་ལ་ཡེ།